Sunday, September 19, 2010

སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི།

སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི།
སྐབས་བཅུ་བཞི་པའི་སྔོན་འགྲོའི་འོས་གཞི་ནང་འདེམས་ཐོན་བྱུང་ཡོད།

མིང་། ཚེ་དབང་རྡོ་རྗེ ལོ ༥ ཕ་ཡུལ། པདྨ་བཀོད། ད་ལྟའི་སྡོད་གནས། སྦེལ་ཀོབ
ད་ལྟའི་ལས་འགན། IAMD,Banglore,Advertising Manager
ཕྱི་ལོ་༡༩༧༩ལོར་མེ་འོ་ཆོས་འཕེལ་གླིང་གཞིས་ཆགས་ནས་འཛིན་རིམ་བརྒྱད་པ་ཐོན་རྗེས་ཀ་སྦུག་དང་མོན་གྷོ་ཉིན་སློབ་གཉིས་
ནས་ཕྱི་ལོ་༡༩༨༢ལོར་འཛིན་རིམ་བཅུ་པ་ཐོན་པ་དང་།ཁར་ཤང་རྒྱ་གར་གཞུང་གིPucCollegeནས་འཛིན་རིམ་བཅུ་གཅིག་བར་སློབ་སྦྱོང་བྱས་པ་ཡིན།ཕྱི་ལོ་༡༩༨༤ལོར་ལྡི་ལིར་བོད་གཞུང་ཤེས་རིག་པར་ཁང་དུ་ལོ་གཅིག་རིང་བཀའ་འགྱུར་དང་བསྟན་འགྱུར་ཞུ་
དག་པའི་ཞབས་འདེགས་ཞུས་ཡོད།ཕྱི་ལོ་༡༩༨༥ནས་༡༩༩༢བར་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་
བལ་ཡུལ་སྲོང་བཙན་བཟོ་གྲྭ་རུ་དོ་དམ་འགན་འཛིན་དང་།སྦེལ་ཀོབ་ཕྱུགས་ལྟོའི་བཟོ་གྲྭའི་དོ་དམ་འགན་འཛིན་གྱི་ཞབས་འདེགས་
འཐུས་གཙང་ཞུས་ཡོད།དེ་བཞིན་ལྡི་ལིར་ནང་སྲིད་བོད་མིའི་ལག་ཤེས་ཕྱིར་འཚོང་ཁང་གི་ཁྱབ་ཁོངས་འོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་རུམ་གདན་བཟོ་གྲྭ་དང་།དགོན་སྡེ་ཁག་གི་རུམ་གདན་བཟོ་གྲྭ་དེ་བཞིན་སྒེར་གྱི་བཟོ་གྲྭ་བཅས་བཟོ་གྲྭ་ཁག་དྲུག་གི་རུམ་གདན་མཁོ་སྒྲུབ་ཀྱི་སྤྱི་ཁྱབ་འགན་འཛིན་གྱི་ལས་འཁུར་འཐུས་གཙང་ཞུས་ཡོད།
ཕྱི་ལོ་༡༩༩༥ལོར་སྦེལ་ཀོབ་གཞིས་རྙིང་གྲོང་སྡེ་དང་པོའི་(Karnataka་Milk་Federation)འོ་མ་ཚོགས་པའི་དྲུང་ཆེའི་ལས་ཁུར་ཞུས།ཕྱི་ལོ་༡༩༩༧ལོར་རང་ཉིད་སྒེར་ངོས་ནས་སྤྱི་ཚོགས་ནང་མིག་དཔེ་འོས་པའི་ཡི་རྩི་བཟོ་གྲྭ་ཆུང་བ་ཞིག་ཀྱང་འཛུགས་བསྐྲུན་
བྱས་པ་ཡིན། ཕྱི་ལོ་ ༢༠༠༧ ལོར་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག CEDOK, Dharward, karantaka རུ་ཚོང་ལས་ཀྱི་ཟབ་སྦྱོང་དང་།ཕྱི་ལོ་༢༠༡༠ཟླ་ཚེས་༢༣ནས་ཟླ་བ་༨ཚེས་༡བར་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ཟབ་སྦྱོང་ཐེངས་གཉིས་པའི་ནང་འཛུལ་ཞུགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ལག་འཁྱེར་ཐོབ།ཕྱི་ལོ་༢༠༠༥ནས་ཕྱི་ལོ་༢༠༡༠བར་ལོ་ལྟར་ELSTCombridgeUniversity,Englandནས་དགེ་
རྒན་གདན་ཞུས་ཀྱིས་ས་གནས་བོད་མིའི་སློབ་ཕྲུག་ཁག་དང་།དེ་བཞིན་གཞིས་མི་དག་ལ་དབྱིན་སྐད་ཟབ་སྦྱོང་གི་གོ་སྒྲིགས་བྱས་དང་བྱེད་བཞིན་པ་ཡིན།ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འཚོགས་གནང་བས་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་དང་པོའི་ནང་ཚོགས་ཞུགས་ཀྱིས་བསམ་འཆར་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ།དེ་མིན་ཆབ་སྲིད་དང་ཤེས་
རིག་ཚོང་ལས།སྤྱི་ཚོགས་ཞབས་འདེགས་ཆེད་སྡེ་ཚན་འདྲ་མིན་ནང་མཉམ་ཞུགས་དང་།ཟབ་སྦྱོང་ཁག་མང་པོར་མཉམ་ཞུགས་
ཀྱིས་ཉམས་མྱོང་རིམ་པར་བསགས།སྐད་ཡིག་གི་ཐད་ནས་ཀྱང་བོད་ཡིག་དང་།དབྱིན་སྐད་རང་རྐྱ་འཕེར་ངེས་ཡིན་ལ།ཧིན་རྡི་དང་།བལ་སྐད།ཨ་སམ་གྱི་སྐད་བཅས་ཀྱང་ཉན་བཤད་བྱེད་ཐུབ་ཀྱི་ཡོད།རང་ཉིད་ཀྱི་ནུས་འཇོན་གང་ཐུབ་བོད་བསྟན་པ་ཆབ་སྲིད་སྤྱི་ལ་ཕན་པའི་ཞབས་འདེགས་ལྷག་བསམ་རྣམ་དག་སྒོ་ནས་ཞུ་རྒྱུའི་འདུན་པ་ཡོད།ད་ལྟའི་ཆར་གུས་རང་IAMD,Bangloreམཐོ་སློབ་ཀྱི་གསལ་བསྒྲགས་སྡེ་ཚན་གྱི་འགན་འཛིན་ལས་ཁུར་ཞུས་དང་ཞུ་བཞིན་པ་བཅས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་སུ་དབུས་གཙང་མི་མང་རྣམས་ཀྱི་མཁྱེན་རྟོགས་ཡོང་སླད་དུ་ཕུལ།།