Saturday, December 18, 2010

མེ་ཏོག་རྫོང་དུ་ཕུག་ལམ་བཏོད། (pemakoe)


Galungla-Dojong la

འདོན་སྤེལ། ༢༠༡༠/༡༢/༡༨

དེ་རིང་བོད་ལྗོངས་ཆ་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དུས་ཡུན་ཟླ་ ༢༤ ཙམ་སྤྱད་ཅིང་། རིང་ཚད་ལ་སྨི་ ༣༣༡༠ ཡོད་པའི་མེ་ཏོག་གཞུང་ལམ་གྱི་ལས་གཞི་སྟེ། དགའ་ལུང་ལའི་ཕུག་ལམ་བཏོད་པའི་ལས་ཀ་ལེགས་འགྲུབ་བྱུང་ཡོད་པ་དང་། ལས་གཞི་དེ་ནི་ ༢༠༠༩ ལོའི་ཟླ་ ཚེས་ ༢༠ ཉིན་མ་དངུལ་དུང་ཕྱུར་ ༩་༥ བཏང་སྟེ་ལས་གཞི་མགོ་བརྩམས་ཡོད་ཅིང་། གཞུང་ལམ་དེའི་རིང་ཚད་ལ་ལེ་བར་ ༡༡༧་༢༧༨ ཡོད་འདུག

བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་ནི། རྒྱ་ནག་གི་སྲིད་འཛིན་འཛུགས་སྐྲུན་ལམ་ལུགས་ཀྱི་རྫོང་ ༢༡༠༠ ལྷག་ཡོད་པའི་ནང་གི་གཞུང་ལམ་ཤར་གཏོང་བྱེད་ཐུབ་མེད་པའི་རྫོང་གཅིག་པུ་དེ་ཡིན་སྐོར་བརྗོད་འདུག་ལ། མེ་ཏོག་རྫོང་གི་ནུབ་དང་བྱང་། ཤར་བཅས་ཕྱོགས་གསུམ་ཧི་མ་ལ་ཡ་དང་གངས་རི་དཀར་པོ་སོགས་ཀྱིས་བར་ཆོད་ཡོད་ཅིང་། ལྷོ་རུ་རྒྱ་གར་ཡོད་པ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་དང་ཕར་ལུང་གཙང་པོའི་གྲོག་རོང་ཆེན་པོར་བརྒལ་དཀའ་བར་བརྟེན། དེ་སྔོན་མེ་ཏོག་རྫོང་ལ་འགྲོ་ན་ངེས་པར་དུ་ས་བབ་སྨི་ ༤༠༠༠ ཡན་གྱི་དགའ་ལུང་ལ་དང་རྡོ་གཞུང་ལ་སོགས་སུ་བརྒལ་དགོས་ཀྱིན་ཡོད་སྟབས། ཐེངས་འདིར་མེ་ཏོག་རྫོང་དུ་གཞུང་མར་ཤར་གཏོང་ཐུབ་པ་དེ། མང་ཚོགས་ལ་སྟབས་བདེ་ཆེན་པོ་བཟོས་ཡོད་སྐོར་བཤད།


No comments:

Post a Comment