ལི་ཕྲུག་ཉི་མ།
ས་བདག་མེས་དབོན་གོང་མའི་སྟོབས་ཤུཊ་ཀྱིས།།
ས་ལ་ཆོས་སྲིད་ནོར་གྱི་རྒྱལ་ཁམས་བསྐྲུན།།
ས་ལའི་སྨན་ལྗོངས་ཁ་བའི་འཇིཊ་རྟེན་ཞེས།།
ས་སྟེང་སྐྱེས་བུའི་སེམས་ཀྱི་ཉི་མ་བཞིན།།
ས་ཁྱོན་སུམ་གཉིས་འཁོར་ལོ་དབང་དུ་བསྒྱུར།།
ས་སྟེང་འབངས་མི་ཞི་བདེ་བྱམས་ཀྱིས་བསྐྱངས།།
ས་མཚམས་རྡོ་རིང་གནམ་གྱི་ཀ་བ་བཙུགས།།
ས་ལ་དཔེ་ཟླ་མེདཔའི་ལོ་རྒྱུས་སྤེལ།།
ས་སྐྱོང་དར་མའི་སེམས་ཁ་བདུད་ཀྱིས་དཀྲུཊ།།
ས་སྟོང་ཞིག་ན་ས་བདག་མགོ་བོ་ཕབས།།
ས་གནས་སེམས་པའི་སྐུ་སྲོག་ཁྲག་ལ་བསྒྱུར།།
ས་ལ་རྫོགས་རྒྱུ་མེད་པའི་ཆག་སྒོ་བཟོས།།
ས་མཐོ་གངས་ལྗོངས་ལོ་ངོ་བརྒྱ་ཕྲག་རིང་།།
ས་བདག་མེད་པའི་གཞན་གྱི་འཐབ་རར་གྱུར།།
ས་ལ་འདོད་རྔམ་ཆེ་བའི་ཤར་ནུབ་པའི།།
ས་འདི་ཁོ་བོའི་ཡིན་ཞེས་སྡིག་ར་བསྐུལ།།
ས་འཛིན་ཧོར་རྒྱལ་སེར་ཆེན་ཧན་སོགས་ཀྱིས།།
ས་པ྇྇྇ཎ་གོང་མ་གཙུག་གི་དབུས་ན་བཀུར།།
ས་ལའི་ལྗོངས་འདི་སྡེ་ཚན་གསུམ་བྱས་ནས།།
ས་སྐྱོང་འཕཌ་པའི་ཕྱག་གིས་ཐེངས་གཅིག་བཞེས།།
ས་ཁམས་གནས་ལུཊ་མི་ཤེས་ས་བདག་ཚོས།།
ས་རྡོའི་ཁྲི་ལ་ཆགས་ནས་ནང་འཁྲུག་རྩོམ།།
ས་ཕྱོགས་བྱང་གི་བདེ་སྐྱིད་ཉི་མ་དེ།།
ས་འོག་མུན་པའི་གླིང་ན་སླར་ཡང་ནུབ།།
ས་བཅུ་དབང་ཕྱུག་རྒྱལ་མཆོག་ལྔ་བ་པས།།
ས་འདིའི་ཆགས་འཇིཊ་ཐུཊ་ཀྱིས་མ་བཟོད་ནས།།
ས་མཐོ་བོད་མིའི་ཆབ་དཔལ་རིག་གསུམ་དེ།།
ས་འོག་ཀླུ་ཡི་དབང་དང་མཉམ་པར་བྱས།།
ས་ལ་སེམས་འཁུར་མེད་པའི་སྐུ་ངོ་ཚོས།།
ས་རྩོད་སྣང་མེད་ཐུཊ་སྤྲོའི་གར་ལ་གཡེང།།
ས་གནས་བཙན་འཕྲོག་འདོད་པའི་བཙན་རྒྱལ་གྱིས།།
ས་མཚམས་དཔང་རྟཊ་ནང་ནས་ནང་དུ་བཅུག།
ས་ཁམས་ལོ་རྒྱུས་དཀྲུག་བའི་རྒྱ་དཔོན་གྱིས།།
ས་མཐའི་དམག་འཁྲུག་མདོ་ཁམས་སྨད་ནས་བརྩམས།།
ས་གནམ་མེ་ལྕེ་འབར་བའི་དུས་སྐབས་སུ།།
ས་སྐྱོང་སྐུ་ངོ་གཉིད་ཀྱི་ཞིང་ཁམས་གཉེར།།
ས་ལའི་སྨན་ལྗོངས་གཞན་གྱི་དབང་དུ་ཚུད།།
ས་ཐོབ་སེམས་པ་ས་གནས་གཞན་དུ་ཕེབས།།
ས་སྲུང་དམག་མིའི་ཟུངས་ཁྲག་ས་ལ་འཐིམས།།
ས་སྟེང་བོད་མིའི་ལོ་རྒྱུས་རེ་ཞིག་རྫོགས།།
ས་ལ་སེམས་འཁུར་ཆེ་བའི་ཕྱི་རབས་པའི།།
ས་འདིའི་ལོ་རྒྱུས་ཞིབ་མོ་བློ་ཡིས་དཔྱད།།
ས་སྐྱོང་དར་མས་བཟོས་པའི་ཆག་སྒོ་དེ།།
ས་སྟེང་འདི་ན་ནག་ཉེས་ཆེན་པོ་མཐོང་།།
ས་སྐྱོང་གླང་དར་བཀྲོངས་བའི་ལྷ་རྡོར་དང་།།
ས་བདག་གྲི་གུམ་བཀྲོངས་བའི་ལོང་ངམ་གཉིས།།
ས་སྟེང་སྐད་གྲགས་ཁྱབ་པ་མཚུངས་ན་ཡང་།།
ས་ལ་ནག་ཉེས་འཇོག་མིན་ཁྱད་པར་ཆེ།།
ས་སྐྱོང་གླང་དར་བདེ་འཇགས་ཆེད་དུ་བཀྲོངས།།
ས་བདག་གྲི་གུམ་གོ་གནས་ཆེད་དུ་བཀྲོངས།།
ས་སྐྱོང་གཉིས་ཀྱི་དམིཊ་ཡུལ་མི་འདྲ་པས།།
ས་ལ་ཟུངས་ཁྲག་འཕོས་ལ་ཁྱད་པ་ཆེ།།
ས་སྐྱོང་དར་པའི་བོན་ཆོས་གཙུག་ན་བཀུར།།
ས་བདག་ཁྲི་རལ་ནང་ཆོས་མཆོག་དུ་འཛིན།།
ས་ལའི་ལྗོངས་ན་ཆོས་ཀྱི་འཐབ་རྩོད་ཀྱིས།།
ས་ཁམས་འཁྲུག་པའི་གོ་ཆག་འདི་བྱུང་ངོ།།
ས་འདིའི་འབྱུང་རིམ་རྟོག་བཏགས་ལོ་རྒྱུས་ཞིག།
ས་གནམ་གོ་འབྱེད་ཡིན་ཞེས་མི་བུས་བཤད།།
ས་ན་ལོ་རྒྱུས་མེད་པའི་ལྷ་སྒྲུང་ཞིག།
ས་ཁོངས་གང་ནས་རྙེད་སོང་མི་བུས་སོམས།།
ས་ལའི་ལྗོངས་ཀྱི་བདེན་པའི་ལོ་རྒྱུས་དེ།།
ས་སྟེང་རང་ཉིད་གྲཊ་ཕྱིར་ལོག་བཤད་བྱས།།
ས་ཁམས་ལོ་རྒྱུས་མེད་པའི་གངས་ཕྲུག་ཚོས།།
ས་ན་རྔ་མ་གཡུགས་བཞིན་རྗེས་སུ་འབྲངས།།
ས་སྟེང་དབང་དུ་བསྡུས་པའི་དགེ་སློང་ཞིག།
ས་ལའི་ལྗོངས་ཀྱི་མགོན་དུ་ཕེབས་ཡོད་པས།།
ས་ན་དེ་ལས་ལྷག་པའི་འཇོན་པོ་ཞིག།
ས་ཡ་དྲུག་གི་ནང་ལ་སུ་ཡོད་ལགས།།
No comments:
Post a Comment