དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་བལ་ཡུལ་ནས་བྷི་བྷི་སའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་༡༨ ལ་སོན་པའི་བལ་པོ་ཁཱ་གྷན་ར་ཐ་པཱ་མཱ་གྷར་ཟེར་བར། འཛམ་གླིང་ནང་གི་མི་གཟུགས་པོ་ཐུང་ཤོས་ཆགས་ཡོད་པ་རེད།
མི་ལོ་༥༥༠༠ སོང་བའི་ཀོ་བའི་ལྷམ་ཞིག་ཨར་མི་ནི་ཡ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་བྲག་ཕུག་ཅིག་གི་ནང་རྙེད་ཡོད་པ་དེ་འཛམ་གླིང་ནང་གི་ལྷམ་རྙིང་ཤོས་སུ་ཆགས་ཡོད་པ་རེད།
ལོ་རྒྱུས་ཐོག་གི་ཀུ་ཤུ་ཆེ་ཤོས།
འཛམ་གླིང་ནང་ལོ་རྒྱུས་ཐོག་ཀུ་ཤུ་ཆེ་ཤོས་ནི་༢༠༠༥ ལོར་སྐྱེས་པ་རེད། དེ་ཡང་ཧིང་ཧོང་གི་ཧི་རོ་ས་ཀི་གྲོང་ཁྱེར་དུ་ཡོད་པའི་ཆི་ས་ཏོ་ཨི་ཝ་ས་ཀི་ཞེས་པའི་ཤིང་ཏོག་འདེབས་ལས་བྱེད་མཁན་ཞིག་གི་ཤིང་ཏོག་ཞིང་ཁར་སྐྱེས་པའི་ཀུ་ཤུ་ཞིག་ནི་འཛམ་གླིང་ནང་ཀུ་ཤུ་ཆེ་ཤོས་སུ་གྱུར་པ་དང་། དེ་ནི་ལྗིད་ཚད་ནི་ཀི་ལོ་༡་༨༤༩ ཡིན་པ་རེད།
འཛམ་གླིང་ནང་གི་ཁྱི་ཆུང་ཤོས།
ཨ་རིའི་ཧྥ་ལོ་རི་ཌ་རུ་ཡོད་པའི་ཧེ་ཝན་ སེན་ཊི་ བྷི་རཱན་ཌི་ཟེར་བའི་ཁྱི་མོ་ཞིག་ཡོད་པ་ནི་འཛམ་གླིང་ནང་ཁྱི་ཆུང་ཤོས་ཤིག་ཡིན་པ་རེད། སྤྱིར་ཆི་ཧུ་ཧུ་ཝ་ཟེར་བའི་ཁྱིའི་རིགས་ནི་འཛམ་གླིང་ནང་ཁྱི་རིགས་ཆུང་ཤོས་གྲས་ཡིན་པ་རེད། བྷི་རཱན་ཌི་ནི་ཕྱི་ལོ་༢༠༠༥ ལོར་ཁྱི་ཆུང་ཤོས་ཀྱི་ཐོ་འགོད་བྱས་པ་དང་། ད་བར་འཛམ་གླིང་ནང་ཁྱི་གསོན་པོ་ཆུང་ཤོས་ལ་ངོས་འཛིན་ཐོབ་ཡོད། ཁྱི་འདིའི་ཆེ་ཆུང་ནི་མགོ་སྣ་རྩེ་ནས་མཇུག་མའི་རྩེ་བར་སེན་ཊི་མི་ཊར་༡༥་༢ ལས་མེད་པ་རེད།
འཛམ་གླིང་ནང་གླིང་བུ་རྙིང་ཤོས།
གནའ་ཤུལ་བརྟག་དཔྱད་པ་རྣམས་ཀྱིས་ཉེ་ཆར་གནའ་ཤུལ་རྙིང་པ་ཞིག་གསར་རྙེད་བྱུང་བ་དང་། དངོས་རྗས་དེ་ནི་ལོ་༣༥༠༠༠ ཡིན་ཅིང་། ཐུ་བྷིན་ཇེན་གཙུག་ལག་སློབ་གྲྭའི་གནའ་ཤུལ་དཔྱད་ཞིབ་པ་ནིག་ཁོ་ལ་སིཁོ་ནར་ཊིས་གསར་དུ་རྙེད་པའི་རུས་པ་དུམ་བུ་༡༢ རྣམས་ལྷུ་བསྒྲིགས་ནས། མཐར་རྒོད་རྐང་གི་གླིང་བུ་ཞིག་ཡིན་པ་བསྒྲུབས་ཡོད་པ་རེད། ཁོང་གི་བརྗོད་ན་གླིང་བུ་དེ་ལོ་༣༥༠༠༠ ཙམ་རེད་འདུག་ཅེས་བརྗོད་ཀྱང་། གླིང་བུ་དེ་ཤར་ནུབ་གང་ནས་བྱུང་མིན་ད་དུང་ཁ་གསལ་མེད་པ་རེད།
འཛམ་གླིང་ནང་ཕྲུ་གུའི་ཕ་ལོ་ན་ཆེ་ཤོས།
འཛམ་གླིང་ནང་ཕ་རྒན་ལོ་ཆེ་ཤོས་ནི་རྒྱ་གར་གྱི་ཞིང་པ་ན་ནུ་རཱམ་ཟེར་བ་དེ་ཡིན་ཅིང་། ཁོང༩༠ ལ་སོན་སྐབས་ཕྲུ་གུ་ཞིག་བཟོས་པ་དང་། དེ་ནི་ཕྲུ་གུ་༢༡ པ་ཡིན་པ་རེད། ཁོང་གི་བུད་མེད་བཞི་ལ་གཉེན་སྒྲིག་བྱས་པ་དང་།
ལུས་པོ་མཉམ་དུ་སྦྲེལ་བའི་མཚེ་མ་ལོ་ཆེ་ཤོས།
ཕྱི་ལོ་༡༩༥༡ ལོར་མོ་རན་གྷ་ཡཱོན་ལ་མཚེ་ཕྲུག་ལུས་སྦྲེལ་བ་ཞིག་སྐྱེས་པ་དང་། སྐྱེས་ཟིན་རྗེས་སྨན་པས་སོ་སོར་དབྱེ་ཐབས་གནང་བ་དང་སྐབས་དེར་གྲུབ་འབྲས་མ་ཐོན་པ་མ་ཟད། ཕྲུ་གུ་གཉིས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བྱུང་། ཕ་མ་གཉིས་ལ་བྱེད་ཐབས་བྲལ་ནས་དཀའ་ངལ་ཆེན་པོ་འཕྲད་པ་རེད།
འཛམ་གླིང་ནང་ཕྲུ་གུ་སྐྱེ་མཁན་ལོ་ཆེ་ཤོས།
རྒྱ་གར་ནས་ཡིན་པའི་ར་ཇོ་དྷེ་ཝི་ལོ་ཧན་ནི་ཕྲུ་གུ་བཙའ་མཁན་གྱི་བུད་མེད་ལོ་ཆེ་ཤོས་ཡིན་པ་རེད། ད་ལོ་ན་ལོ་༧༡ ལ་སོན་ཡོད་པ་དང་། འདས་ལོ་༢༠༠༨ ལོར་ཁོང་ལོ་ན་༧༠ སོན་པའི་སྐབས་ཕྲུ་གུ་དང་པོ་དེ་བཙས་པ་དང་།
རང་ལོ་ལོ་༨༣ ལ་སོན་པའི་ལུས་རྩལ་དགེ་རྒན་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་བྷེ་ཊེ་ཁལ་མཱན་ལོ་ན་མཐོ་ཡང༌། དུང་ལུས་རྩལ་སྦྱོང་བརྡར་བདེ་བླག་ཏུ་རྩེ་ཐུབ་པ་དང་། རང་ཉིད་ཀྱི་ཐུན་མིན་སྲོལ་བཏོད་པའི་རྩ་རླུང་འཕྲུལ་འཁོར་ཡང་སྦྱོང་བརྡར་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༡ ཉིན་གྱི་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཇེང་སུ་༼ Jiangsu༽ཞིང་ཆེན་ནས་ཡིན་པའི་ལི་ཧུ་༼ Liu Hua༽ཞེས་པ་རང་ལོ་༢༤ ཡིན་པ་དེའི་ལག་པ་གཡོན་མ་དེ་འཛམ་གླིང་ནང་གི་ལག་པ་ཆེ་ཤོས་ཡིན་པ་རེད་འདུག ཁོའི་མཐེ་བོང་ནས་འཛུབ་མོ་གསུམ་ཧ་ཅང་གི་ཆེན་པོ་དང་གཞན་གཉིས་སྤྱིར་བཏང་གི་འཛུབ་མོ་རེད་འདུག ལི་འུ་ལོ་རེ་བཞིན་ཆེ་རུ་འགྲོ་དུས་ཁོའི་འཛུབ་མོ་རྣམས་ཀྱང་ཆེ་རུ་འགྲོ་ཡི་ཡོད་འདུག འདས་ལོ་༢༠༠༧ ཕྱི་ཟླ་༧ ནང་ཁོ་རང་ཤང་གྷ་ཡི་༼ Shanghai No. 9༽མི་དམངས་སྨན་ཁང་དུ་ཕྱིན་པ་དང་དེར་ཁོའི་འཛུབ་མོ་རྣམས་ཚད་བརྒྱབ་དུས་ཁོའི་མཐེ་བོང་དེ་སེཎ་ཊི་མི་ཊར་༢༦་༼26 centimeters༽དང་དེ་ནས་འཛུབ་མོ་གཉིས་པ་དེ་སེཎ་ཊི་མི་ཊར་༣༠ དང་འཛུབ་མོ་བར་མ་དེ་སེཎ་ཊི་མི་ཊར་༡༥ ཡོད་པ་དང་ཁོའི་ལག་པ་གཡོན་མ་དེ་ཆ་ཚང་གི་ལྗིད་ཚད་ཀིའ་ལོ་༡༠ ཡོད་འདུག ལི་འུའི་ན་ཚ་དེའི་མིང་ལ་མེའ་ཀོརོ་ཌེཀ་ཊ་ཡིལ་༼ macrodactyly༽ཟེར་གྱི་ཡོད་པ་དང་ན་ཚ་དེ་ནི་ལག་པའི་མཛུབ་མོའམ་རྐང་པའི་མཛུབ་མོ་རྣམས་སྤྱི་དང་མི་མཐུན་པ་སྐྱེ་ཡི་ཡོད། ན་ཚ་དེའི་རྐྱེན་ནི་ད་ལྟའང་ཤེས་ཀྱི་མེད།
རྐེད་པ་ཕྲ་སྦོམ་ཨིན་ཆི་བཅོ་ལྔ་ལས་མེད་པའི་བུད་མེད་ཅིག
འདི་ནི་ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༨ ཉིན་གྱི་སྤེལ་བའི་གནས་ཚུལ་ཞིག་ཡིན། ཁྱེད་རང་གི་འདྲ་དཔར་དེ་མཐོང་སོང་ངམ། ཁྱེད་རང་གི་ལྟ་སྟངས་ནོར་བའམ་ཡང་ན་ཁྱེད་རང་གི་མིག་ལ་སྐྱོན་ཡོད་པ་རྩ་བ་ནས་མ་རེད། འདྲ་པར་འདི་ནི་བུད་མེད་རང་ལོ་༧༠ ཡིན་པ་ཀཱེ་ཐཱི་ཇཱང་ཡིན། ཁོང་ནི་ཨ་རི་རྒྱལ་ཁབ་ཀྱི་གྲོང་སྡེ་བྱང་ཀཱེ་རོ་ལིའ་ནཱ་ནས་ཡིན་པ་དང་ཁོང་རང་གི་བཟའ་ཟླ་བཱོབ་ནི་དབང་པོ་སྐྱོན་ཅན་བཤའ་བཅོས་གནང་མཁན་གྱི་སྨན་པ་ཞིག་ཡིན་འདུག ཁོང་གི་རྐེད་པ་དེ་འདྲ་ཆགས་རྐྱེན་ནི་ཁོང་གི་ལོ་ངོ་ཉེར་ལྔ་རིང་རྐེད་པ་རྐེད་རག་དམ་པོ་ཡོད་པའི་གོས་ཤ་སྟག་གྱོན་པ་ལ་བརྟེན་ནས་བྱུང་བ་ཡིན་གསུངས་འདུག ཁོང་རང་སྐུ་གཟུགས་བདེ་པོ་རེད་འདུག ཁོང་ནི་འཛམ་གླིང་ནང་རྐེད་པ་ཕྲ་ཤོས་ཀྱི་མི་ཞིག་རེད་འདུག།
བུ་ཕྲུག་བརྒྱ་ཡི་ཕ།
གནས་ཚུལ་སྤེལ་བ་ལྟར་ན། ཡུ་ཨེ་ཨི་ཟེར་བའི་ཁ་ཆེའི་ལུང་པ་ནས་ཡིན་པའི་ཨབཱ་དུལ་རེ་མཱན་ཟེར་བའི་མི་ལོ་༦༠ ཡིན་པ་ཞིག་གི་ཕྱི་ལོ་༢༠༡༥ བར་དུ་ཁོ་རང་བུ་ཕྲུག་བརྒྱ་ཡི་ཕ་ཆགས་རྒྱུ་ཡིན་པའི་དམིགས་ཡུལ་བཟུང་ཡོད་འདུག གོང་བཀོད་ཚེས་གྲངས་སྐབས་ཁོ་རང་གི་ཕྲུ་གུ་རྒན་ཤོས་དེ་ལོ་༣༦ ཡིན་པ་དང་ཆུང་ཤོས་དེ་ཉི་མ་༢༠ ཡིན་འདུག ད་དུང་ཁོ་རང་གི་སྐྱེ་དམན་གསུམ་སྦྲུམ་མ་ཡིན་འདུག ཁ་ཆེ་ཆོས་ལུགས་ཀྱི་མི་གཅིག་གི་དུས་གཅིག་ལ་ཆང་ས་མང་ཤོས་བཞི་བརྒྱབ་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད་ཀྱང་ཨབཱ་དུལ་རེ་མཱན་ལ་ད་བར་སྐྱེ་དམན་བཅོ་ལྔ་བྱུང་ཡོད།
ལག་མཐིལ་ནང་ཤོང་བའི་ཚགས་ཤོག
ཚགས་ཤོག་འདིས་འཛམ་གླིང་རྒྱལ་ཁབ་སི་པེའན་དང་དབྱིན་ཡུལ༌། ཕིའན་ལེནཌ་དང་སུ་ཝི་ཌན། ཨར་ཇཱན་ཊི་ནཱ་དང་བཱི་ར་ཛིའལ་དང་ཨ་རི་ལ་སོགས་པ་མང་པོ་ཞིག་གི་དོ་སྣང་སླེབས་ས་གཅིག་ཆགས་ཡོད། ཚགས་ཤོག་འདི་བཱི་ར་ཛིའལ་གྱི་བདུན་རེའི་ཚགས་ཤོག་ཝོ་སཱ་སིན་ཧོ་རི་ཡཱ་༼ Vossa Senhoria༽ཟེར་བ་ཞིག་ཡིན་པ་དང་དེ་ནི་ཟླ་རེར་༧༠༠༠ ཙམ་ཚོང་འགྲེམས་ཡོང་གི་ཡོད། ཚགས་ཤོག་འདི་ཁ་ཞེང་སེན་ཊི་མི་ཊར་གཉིས་དང་ཕྱེད།
བུ་མོ་ལོ་ལྔ་ཡིན་པ་ཞིག་ལ་ཕྲུ་གུ་སྐྱེས་པ།
འདི་ནི་ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༡༤ ཉིན་གྱི་གནས་ཚུལ་སྤེལ་བ་ཞིག་ཡིན་པར་ལཱི་ནཱ་ཞེས་པའི་བུ་མོ་ལོ་ལྔ་ཡིན་པ་ཞིག་ལ་ཕྲུ་གུ་སྐྱེས་འདུག དེ་ནི་ཕྱི་ལོ་༡༩༣༩ ལོར་ལྷོ་ཨ་རིའི་ཨེན་ཌེསེ་རི་རྒྱུད་དུ་ཡོད་པའི་གྲོང་གསེབ་ཆུང་ཆུང་ཞིག་ནས་མི་ཞིག་གི་རང་ཉིད་ཀྱི་བུ་མོ་ལོ་ལྔ་ཅན་དེ་པཱེ་རུ་ལུང་པའི་གྲོང་ཁྱེར་པཱི་སི་ཀཱོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་འདུག ཁོས་སྨན་ཁང་དུ་ཁོ་རང་གི་བུ་མོའི་གྲོད་པའི་ནང་སྐྲན་རྡོག་ཞིག་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ཁོ་ཚོའི་གྲོང་གསེབ་ཀྱི་བླ་མ་སྨན་པས་སྨན་བཅོས་བྱེད་ཐུབ་མ་སོང་ལབ་པ་དང༌། སྨན་པའི་བརྟག་དཔྱད་བྱས་ཚར་བའི་རྗེས་ལ་རྡོག་རྡོག་དེ་སྐྲན་རྡོག་མིན་པ་ཤེས།
No comments:
Post a Comment