༄༅། ། ཕྱི་ལོ་ ༡༩༤༩ ལོའི་བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ནང་ཚུད་ཐབས་ཀྱི་སྙན་ཞུར་བོད་ཀྱིས་བརྗེད་པར་དཀའ་བའི་ཆ་ཤས་བླངས་སྐོར།
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ (Tibetan Political Review) རྩོམ་སྒྲིག་པས་སྤེལ། དོན་གྲུབ་ཀྱིས་བསྒྱུར།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཙེས་ ༢༣ ཉིན་པ་ལི་སི་ཐན་(Palestinian)གྱི་སྲིད་འཛིན་མཧ་མགས་ཨ་བྷསི་(Mahmoud Abbas)མཆོག་གིས་མཉམ་འབྲལེ་རྒྱལ་ཚོགས་ཀྱི་དྲུང་ཆེ་བན་ཀེ་མུན་(Bankimoon)ཀྱི་མཚན་ཐོག་ཏུ་པ་ལི་སི་ཐན་དེ་བཞིན་མཉམ་འབྲལེ་རྒྱལ་ཚོགས་ཀྱི་ཚོགས་མིར་ཚུད་ཐབས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད། འུ་ཀྲི་ཁན་སེ་ཀྲི་(VaticanCity)ནང་བཞིན་པ་ལི་སི་ཐན་ཡང་ཉུང་མཐར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཚོགས་མིར་ངོས་འཛིན་བྱེད་སྲིད་པ་ཞིག་ཡིན་པས། ད་ལྟའི་གནས་བབ་ལ་ཉམས་ཞིབ་བྱས་པར་གཞིགས་ན་པ་ལི་སི་ཐན་སྲིད་འཛིན་གྱིས་ཆབ་སྲིད་ཀྱི་འཕོ་འགྱུར་ཐོག་མདུན་སྐྱོད་ཀྱི་གོམ་པ་གལ་འགངས་ཆེན་པོ་ཞིག་སྤོས་པར་ངོས་འཛིན་བྱས་ཆོག ཨ་རིའི་གྲོང་ཁྱེར་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་ཕྱི་ལོགས་སུ་གཏམ་བརྗོད་འཁྲབ་པ་འདིས་ག་རེ་གསལ་བཤད་བྱས་སམ་ཟེར་ན། རྒྱལ་སྤྱིིའི་གནད་དོན་དང་རྒྱལ་ཁབ་བར་འབྲེལ་ལམ་གྱི་ཁྲིམས་མཐུན་ཡོང་ཐབས་ཀྱི་འགག་རྩ་གཙོ་བོ་ཞིག་ཡིན་པ་གསལ་འདོན་བྱས་པ་རེད།
ལོ་ ༦༢ སྔོན་བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་འཛུལ་རྒྱུའི་སྙན་ཞུའི་ཐད་བོད་པས་རོགས་རམ་བྱས་པ་འདིས་བལ་ཡུལ་དང་བོད་པའི་ཕྱི་སྲིད་འབྲེལ་ལམ་ཐོག་ནས་ཞུས་ན། བལ་ཡུལ་གྱིས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་བྱས་པ་རེད། སྐབས་དེར་བལ་ཡུལ་གྱིས་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ཁ་གསལ་ངོས་འཛིན་གནང་བ་མ་ཟད། ཁོང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་ལའང་གསལ་འདོན་གནང་ཡོད། ལོ་རྒྱུས་རང་བཞིན་ལྡན་པའི་དངོས་ཡོད་གནད་དོན་དེས་ག་རེ་གསལ་བཤད་བྱས་པ་རེད་ཟེར་ན། བོད་བལ་གཉིས་བར་ལོ་རྒྱུས་ཐོག་ཆབ་སྲིད་ཀྱི་འབྲེལ་བ་ཡོད་པ་གསལ་འདོན་བྱས་པ་རེད། བལ་གཞུང་གིས་དེང་སང་ “རྒྱ་ནག་གཅིག་གི་ལམ་ལུགས་”ལ་ངོས་འཛིན་གྱིས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ཀྱང་རུང་། འདི་ནི་ཉེ་བའི་དུས་ཡུན་ནང་གི་ཆབ་སྲིད་འཕོ་འགྱུར་དང་དགོས་མཁོ་ཞིག་ཆེད་དུ་ཡིན་པ་ང་ཚོས་དྲན་སོས་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་པོའི་དཔུང་ཤུགས་ཀྱིས་ཉེ་ཆར་བལ་ཡུལ་ཀྱི་ཆབ་སྲིད་ཐོག་དོ་ཕོག་བཏང་བ་འདིས་ཧི་མ་ལ་ཡའི་རྒྱ་ཁྱབ་ཏུ་ཡོད་པའི་བལ་བོད་ལོ་རྒྱུས་འབྲེལ་ལམ་ཐད་སུབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་བཟོས་པ་རེད། བལ་ཡུལ་གྱིས་བོད་རང་བཙན་གཙང་མ་ཡིན་པའི་ཁ་གསལ་ངོས་འཛིན། བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་འཛུལ་ཞུགས་བྱེད་སྐབས། ཆ་རྐྱེན་དུ་ཡུལ་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཞན་དང་འབྲེལ་ལམ་བྱེད་ཐུབ་པའི་བདེན་དཔང་ཡིག་ཆ་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་ཀྱི་ཡོད། ཕྱི་ལོ་ ༡༩༤༩ ཟླ་ ༧ ཚེས་ ༢༢ ཉིན་བལ་ཡུལ་གཞུང་ནས་དེ་སྔའི་བོད་ཀྱི་ཁྲིམས་ཁང་ལ་རྒྱབ་སྐྱོར་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད། བོད་གཞུང་ལ་བལ་ཡུལ་གྱིས་སྙན་ཞུ་ཕུལ་བ་དེས་ག་རེ་མཚོན་ནམ་ཞེ་ན་བལ་གཞུང་གིས་བོད་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་ངོས་འཛིན་བྱས་པ་གསལ་པོ་རེད། ཤོག་ལྷེ་དགུ་པའི་སྟེང་འཁོད་པའི་སྙན་ཞུའི་ནང་བལ་ཡུལ་གྱི་ཕྱི་སྲིད་འབྲེལ་ལམ་ཁག་བཀོད་པ་དང་ཕྱོགས་མཚུངས་བལ་ཡུལ་དང་རྒྱལ་ཁབ་གཞན་ཕྱི་སྲིད་ཀྱི་འབྲེལ་ལམ་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་ནི།
༡༽ཕྱི་ལོ་ ༡༨༥༦ ལོར་བལ་གཞུང་གིས་ལྷ་སར་གཞུང་ཚབ་བཙུགས་པ་དང་མཉམ་ཁོང་ཚོའི་དོན་གཅོད་སྐུ་ཚབ་རྒྱང་རྩེ་དང་ཀུ་ཀྲི་དེ་བཞིན་སྐྱེ་རོང་རྦོ་ནང་དུ་བཞག་ཡོད་པ་བརྗོད་འདུག
༢༽ཧྥ་རན་སི།
༣༽ཨ་རི།
༤༽རྒྱ་གར།
༥༽འབར་མ་སོགས་དང་ཕྱི་འབྲེལ་ཡོད་པ་གླེང་སློང་བྱས་འདུག བལ་ཡུལ་གཞུང་ངོས་ནས་བོད་དང་ཁོང་ཚོའི་འབྲེལ་ལམ་དེ་དབྱིན་ལན་དང་བསྡུར་ན་གལ་ཆུང་བར་འཛིན་པ་དང་། ཡང་ཨ་རི་དང་རྒྱ་གར་སོགས་དང་བསྡུར་ན་བོད་དང་འབྲེལ་ལམ་བྱེད་རྒྱུ་དེ་གལ་ཆེ་བར་འཛིན་གྱི་ཡོད། བལ་གཞུང་གིས་ཁོང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་རྒྱུའི་སྙན་ཞུའི་ནང་། ཕྱི་ལོ་ ༡༨༥༦ ལོར་བལ་ཡུལ་དང་བོད་བར་བཞག་པའི་གྲོས་མཐུན་ཆིངས་ཡིག་གི་མ་དཔེ་དེ་བལ་གཞུང་ངོས་ནས་ཁོང་ཚོ་དང་ཕྱི་ཕྱོགས་རྒྱལ་ཁབ་ཁག་བར་ཕྱི་སྲིད་ཀྱི་འབྲེལ་ལམ་ཡོད་པ་ར་སྤྲོད་ཀྱིས་དཔྱད་གཞིར་ཁྱེར་བ་རེད། གློ་བུར་རྐྱེན་དབང་གིས་གྲོས་མཐུན་ཆིངས་ཡིག་དེའི་ནང་འཁོད་པར་གཞིགས་ན་བལ་གཞུང་གིས་བོད་ཀྱི་སྲུང་སྐྱོབ་ཐད་ལ་རོགས་རམ་བྱེད་རྒྱུ་ཡིན་པ་གསལ་ཡོད། ཆིངས་ཡིག་དེའི་དོན་ཚན་གཉིས་པའི་ནང་འཁོད་པར་གཞིགས་ན་མ་འོངས་པར་རྒྱལ་ཁབ་སུས་བོད་ལ་བཙན་འཛུལ་བྱས་པ་ཡིན་ན་ཁོང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བྲིས་ཡོད། སྙན་ཞུ་དེའི་ནང་དོན་ལ་བརྟེན་ཏེ། བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཕྱི་ལོ་ ༡༩༥༥ ཟླ་ ༡ ཚེས་ ༡༤ ཉིན་ངོས་འཛིན་གནང་བ་རེད།
རྒྱ་ནག་གིས་སྦས་སྐུང་བྱ་ཐབས།
ཕྱི་ལོ་ ༡༩༥༦ ལོར་རྒྱ་བལ་གཉིས་བར་བཞག་པའི་ཆིངས་ཡིག་གི་དམིགས་ཡུལ་གཙོ་བོ་ནི་བལ་བོད་བར་བྱུང་བའི་གྲོས་ཆོད་ཁག་དང་། ཕྱི་ལོ་ ༡༨༥༦ ལོར་བཞག་པའི་བལ་བོད་གཉིས་ཀྱི་སྲུང་སྐྱོབ་རོགས་རམ་གྲོས་ཆོད་ཁག་སྦས་སྐུང་བྱ་ཆེད་ཞིག་ཡིན། ཁོང་ཚོས་རེ་བ་བྱས་པ་ལྟར་ཁ་ཡོད་ལག་ཡོད་ཀྱི་ཆབ་སྲིད་གནད་དོན་དེ་སྦས་སྐུང་བྱེད་ཐུབ་པ་མ་ཟད། བལ་གཞུང་ངོས་ནས་བོད་ཐོག་འཛིན་པའི་ཆབ་སྲིད་ལངས་ཕྱོགས་ཁ་ལོ་བསྒྱུར་ཏེ་བོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་གླེང་སློང་བྱེད་བཞིན་ཡོད། ཁྲིམས་ཐོག་ནས་བཤད་ན་ཕྱི་ལོ་ ༡༩༥༦ ལོར་བཞག་པའི་རྒྱ་བལ་གཉིས་ཀྱི་གྲོས་ཆོད་དེ་དོན་དམ་ཞིག་མིན། གང་ཡིན་ཞེ་ན་རྒྱ་གཞུང་གི་དམིགས་ཡུལ་ནི། སྔར་བོད་རྒྱལ་ཁབ་དང་བལ་ཡུལ་བར་བཞག་པའི་གྲོས་ཆོད་བེད་མེད་བཟོ་ཐབས་ཀྱི་གཡོ་བྱུས་ཞིག་འཁྲབ་སྟོན་བྱས་པ་རེད། དེ་ལྟར་བྱེད་དགོས་དོན་ནི་བལ་པོ་དང་རྒྱ་འོག་ཏུ་ཡོད་པའི་བོད་བར་གྲོས་ཆོད་དེ་ལྟར་བེད་མེད་བཟོ་རྒྱུ་མེད་པས་ཆབ་སྲིད་ཀྱི་གཡོ་བྱུས་འདི་འཁྲབ་སྟོན་བྱས་པ་ཞིག་ཡིན། གང་ཡིན་ཟེར་ན་བལ་གཞུང་ངོས་ནས་ཕྱི་ལོ་ ༡༩༥༦ ལོར་མ་གཏོགས་གནས་ལུགས་དེ་ཡོད་པ་ཤེས་རྟོགས་ཐུབ་མེད། ཁྲིམས་མཐུན་གྱི་གྱོད་གཞི་འདིར་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ད་ལྟ་ཐོན་མེད་ཀྱང་མ་འོངས་པའི་དུས་ཚོད་རན་པོ་ཞིག་ལ་གནད་དོན་དེར་བསྐྱར་ཞིབ་བྱེད་སྲིད་པ་ཞིག་ཡིན།
རྒྱལ་ཁབ་ཀྱི་ཆེ་མཐོང་ནི་ནུས་ཤུགས་ལྡན་པ་ཞིག་ཡིན། བོད་མི་ཚོས་ལོ་རྒྱུས་ཀྱི་དོན་དངོས་ལ་དོ་སྣང་བྱ་དགོས་པ་ནི། ཉེ་ཆར་ཕྱི་ལོ་ ༡༩༤༩ ལོར་བལ་གཞུང་ངོས་ནས་མངོན་གསལ་དོད་པོས་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་ངོས་འཛིན་བྱས་ཡོད། དེ་ནི་ཁོང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་རྒྱུར་བོད་དང་འབྲེལ་ལམ་གྱི་ཟམ་པ་འཛུགས་རྒྱུ་ནི་གལ་འགངས་ཆེ་བའི་ལག་ཆ་ཞིག་ཡིིིན་པར་བརྟེན་ལངས་ཕྱོགས་དེ་ལྟར་བཟུང་བ་རེད། གནད་དོན་འདི་ནི་བལ་རྒྱལ་གྱིས་ལོ་རྒྱུས་ཡིག་ཚང་ཆེན་མོའི་ཁྲོད་ཀྱི་དོན་དངོས་ཀྱི་ཆ་ཤས་ཤིག་ཏུ་གྱུར་བ་རེད། བལ་པོས་བོད་དང་མཉམ་འབྲེལ་བྱས་པ་འདིས་བལ་པོའི་མི་སེར་བྱིངས་ཀྱིས་ཆོས་འབྱུང་དང་རིག་གཞུང་། ཆབ་སྲིད། སྤྱི་ཚོགས་ལ་སོགས་པར་ཕན་ནུས་ཆེན་པོ་ཐོན་ཡོད། འདི་ནི་བལ་བོད་རྒྱལ་ཁབ་གཉིས་ཀྱི་ཆེ་མཐོང་གི་གླེང་གཞི་ཞིག་ཀྱང་ཡིན།
རྒྱ་གཞུང་གིས་བལ་བོད་གཉིས་ཀྱི་ལོ་རྒྱུས་ཐོག་བྱུང་བའི་གྲོས་ཆོད་ཁག་བརྗེ་བསྒྱུར་རམ་སྦས་སྐུང་བྱས་པ་དེ། བལ་པོར་དམའ་འབེབ་དང་ལོ་རྒྱུས་ཐོག་བྱུང་བའི་བཙན་རྒྱལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིིན། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པའི་ཁུངས་སྐྱེལ་ར་སྤྲོད་དེ་ལོ་རྒྱུས་ཀྱི་རྟོག་བཅོས་ལ་རགས་ལུས་དུས། རྒྱ་གཞུང་ནས་རྒྱལ་ཁབ་གཞན་ཞིག་ཆབ་སྲིད་ཀྱི་གཡོ་བྱུས་དེའི་ནང་འཛུལ་བཅུག་སྟེ་འདས་པའི་ལོ་རྒྱུས་བསྐྱར་བཅོས་བྱ་ཐབས་བྱེད་ཀྱི་ཡོད།
ད་ལྟ་རྒྱ་གཞུང་གིས་བལ་པོར་མགོ་བསྐོར་བསླུ་བྲིད་བྱས་པ་ཙམ་མ་ཟད། ཁོང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་དང་བོད་ཀྱི་གནད་ལོ་རྒྱུས་སོགས་ལ་དོ་ཕོག་བཏང་ཡོད། ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བལ་ཡུལ་གྱིས་བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བང་མཛོད་ཆེན་མོའི་ནང་འཁོད་པའི་ཡིག་ཆ་ཁག་ད་དུང་གསལ་གསལ་ཐིང་ཐིང་གནས་ཡོད། བལ་ཡུལ་གྱི་མི་སེར་ཚོས་སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་གནད་དོན་ཁག་ལ་མགོ་བསྐོར་བཏང་བ་དེ་ངོས་ལེན་ནམ་ཡང་བྱེད་ཐབས་མེད། ཉེ་ཆར་བལ་ཡུལ་ངོས་ནས་རྒྱ་གཞུང་གིས་ཁོང་ཚོའི་གནད་དོན་ལ་ཐེ་བྱུས་བྱས་པར་ཡིད་མ་རངས་པའི་རྣམ་འགྱུར་བསྟན་ཡོད། པ་ལི་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་བའི་ཉིན་གཅིག་སྔོན་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༣ ཉིན་བལ་གཞུང་ངོས་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བལྟ་རྟོགས་ཚོགས་ཆུང་གི་འགན་འཁུར་འོག་ཡོད་པའི་བོད་མི་བྲོས་བྱོལ་བ་ན་སོ་དར་ལ་བབས་པ་ ༢༣ ཙམ་ཀློད་གྲོལ་གྲོལ་བཏང་ཡོད།
རྒྱ་གཞུང་གིས་བལ་པོར་བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་ནག་གཞུང་ལ་རྩིས་སྤྲོད་དགོས་པའི་བརྡ་ལན་བཏང་ཡོད་ཀྱང་། བལ་གཞུང་ངོས་ནས་བོད་མི་ཚོ་ཀློད་གྲོལ་བཏང་ཡོད། འདི་ནི་བལ་གཞུང་གི་”ཕོ་ཁྱོ་ཀའི་ཁས་ལེན་”ཞེས་པ་རྒྱ་བལ་གྲོས་ཆོད་དང་རྒྱབ་འགལ་གྱིས་བོད་མི་སྐྱབས་བཅོལ་བ་དང་རྒྱ་ནག་གིས་རྗོད་བཞིན་པའི་གཞི་རྩའི་རྒྱལ་སྤྱིའི་ཁྲིམས་ལ་དོ་ཕོག་གཏོང་མཁན་བོད་མི་ཚོ་ཀློད་གྲོལ་བཏང་བ་དང་སྐྱབས་བཅོལ་དུ་ཉར་བ་དག་རེད། པ་ལི་སི་ཐན་གྱིས་རྒྱལ་ཁབ་བདག་དབང་རྩོད་པ་འདི་ཁོང་ཚོ་བཙན་འཛུལ་རྒྱལ་ཁབ་ཀྱི་བདག་དབང་འོག་མནར་སྤྱོད་དང་མཐོང་ཆུང་མ་བཟོད་པར་འཐབ་རྩོད་བྱས་པ་ཞིག་རེད། དེ་དང་ཕྱོགས་མཚུངས་བལ་ཡུལ་གྱི་སྐྱབས་བཅོལ་སྲིད་བྱུས་ལ་རྒྱ་གཞུང་གིས་སྟངས་འཛིན་བྱེད་ཐབས་བྱས་པ་འདི་བལ་པོའི་རྒྱལ་ཁབ་ཀྱི་ཆེ་མཐོང་གི་གནད་དོན་དང་། བདག་དབང་ལ་ཐེ་བྱུས་བྱས་པ་ཞིག་ཡིན་དུས་ཁོང་ཚོས་རྒོལ་ལན་སློག་པ་རེད། གལ་སྲིད་ང་ཚོ་བལ་པོ་བ་ཞིག་ཡིན་ན། ང་ཚོས་བོད་མི་སྐྱབས་བཅོལ་བ་ ༢༣ ཚོར་ལྟ་རྟོག་གང་ཡང་བྱས་མེད་ཀྱང་སེམས་པ་སྐྱིད་པོ་ཡོང་ས་རེད། གང་ཟེར་ན་ང་ཚོའི་གཞུང་གིས་མི་མང་གི་ཆེ་མཐོང་ཆེད་རྒྱ་མིའི་གནོད་ཤུགས་ལ་དང་ལེན་མ་བྱས་པར་སོ་སོའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་སྟེ་ལས་དོན་གཉེར་གནང་བ་འདི་རེད།
བཙན་འོག་ཏུ་ཡོད་པའི་བོད་མི་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་དུ་མུ་མཐའ་མེད་པའི་རི་བོ་ཧི་མ་ལ་ཡ་ཕ་མཐར་བསྐྲད་དེ་རང་དབང་འཚོལ་བར་ཡོང་བཞིན་ཡོད། མ་འོངས་པར་བོད་མི་སྐྱབས་བཅོལ་ཡོང་མཁན་ཤོག་ཁག་གཞན་ཞིག་བལ་ཡུལ་གྱི་དོ་དམ་བཀག་ཉར་འོག་ཚུད་པ་ཡིན་ན། ང་ཚོའི་རེ་བར་བལ་གཞུང་མགོ་ཁྲིད་ཚོས་ཞེད་སྣང་འཚེར་སྣང་སྤུ་ཙམ་མེད་པའི་ཐོག་ད་ལྟ་བལ་ཡུལ་ལ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་གནས་བབ་འདི། སྔོན་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡིན་སྐབས་བལ་བོད་འབྲེལ་ལམ་ཡིག་ཆ་ལས་ཁུངས་སྐྱེལ་བྱས་པར་བརྟེན་ཐོབ་ཐང་འདི་བྱུང་བ་དྲན་དགོས། དེར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པ་ལི་སི་ཐན་མི་མང་གི་དགོས་འདུན་ལ་རྒྱབ་སྐྱོར་གྱིས་མཐའ་མ་རྒྱལ་ཁབ་ངོས་འཛིན་གནང་བ་ལྟར། མི་ཚང་མ་རང་དབང་དོན་གཉེར་བྱེད་མཁན་གཅིག་པ་ཡིན་མིན་ལ་མ་ལྟོས་པར་ཉིན་གཅིག་བོད་མི་ཚོར་ཡང་རང་དབང་དེ་ལྟར་ལོངས་སྤྱོད་བྱ་རྒྱུ་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད།
No comments:
Post a Comment