Thursday, July 28, 2011

བོད་ཡིག་ལག་འཁྱེར་ཁ་པར། Tibetan text mobile

བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་བོད་ཡིག་ཐོག་བཀོད་སྤྱོད་བྱེད་ཆོག་པའི་ལག་འཁྱེར་ཁ་པར་ཞིག་བཟོས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་ནང་གི་དྲ་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་སྣེ་འཁྲིད་པའི་བློ་བཟང་ཀུང་ཟིས་བོད་ཡིག་གི་ལག་འཁྱེར་ཁ་པར་ཞིག་གསར་བཟོ་བྱས་ཡོད་འདུག་ལ། ཁ་པར་དེའི་ཁྱད་ཆོས་གཙོ་བོ་བརྙན་ངོས་སུ་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་འཆར་བ་དང་འཕྲིན་ཐུང་བསྐུར་ཐུབ་པ། མཉེན་ཆས་ཁག་རང་ངོས་ནས་སྒྲིག་འཇུག་བྱས་ཆོག་པ། ཧི་མ་ལ་ཡའི་བོད་ཡིག་དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་སུ་ཡོད་པའི་བོད་ཡིག་ཕན་ཚུན་མཐུན་འཇུག་བྱེད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཡོད་འདུག

༢༠༠༩ ལོ་སྐུ་ཞབས་བློ་བཟང་ལགས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་ཀློག་རྡུལ་ཚིག་མཛོད་ཞིག་གསར་གཏོད་བྱས་ཡོད་ལ། ཟླ་རྗེས་མར་ཁོང་གིས་གསར་གཏོད་གནང་བའི་བོད་ཡིག་ཅན་གྱི་ལག་འཁྱེར་ཁ་པར་ཚོང་རར་་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

No comments:

Post a Comment