Thursday, October 14, 2010

སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི།

སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི།

མིང་། ཐུབ་བསྟན་ཚེ་རིང་ཁྱིམ་གསར།
སྐྱེ་ལོ། ༡།༠༧།༡༩༧༤
ཕ་ཡུལ། ལྷོ་བྲག
ད་ལྟའི་སྡོད་གནས། མེ་འོ།

ཕྱི་ལོ་༡༩༩༤་ལོར་རྡོར་རྗེ་གླིང་བོད་གཞུང་གཏན་སློབ་ཁང་ནས་འཛིན་རིམ་བཅུ་གཉིས་་ཀྱི་རྒྱུགས་འབྲས་ཨང་དང་པོའི་གྲས་སུ་ཐོན།ཕྱི་ལོ་༡༩༩༤་ནས་༡༩༩༦་བར་བོད་གཞུང་སྨན་རྩིས་ཁང་ཁོངས་སུ་ཞབས་འདེགས་ཞུས།དེ་ནས་གཞིས་ཆགས་སུ་མང་ཚོགས་ཀྱི་བདེ་རྩའི་སླད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་SiddathaHomeFoundationཞིག་གསར་འཛུགས་བྱས།ཕྱི་ལོ་༡༩༩༩་ནས་༢༠༠༡་བར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེེ་འགན་འཁུར་ཞུས།སྐབས་དེར་བྱང་ཤར་འཁུལ་དུ་བོད་དོན་དང་འབྲེལ་བའི་ལས་འགུལ་མང་དག་བརྩམས་སྟེ་ལས་རིམ་འཐུས་གཙང་ཞུས།ཕྱི་ལོ་༢༠༠༡་ལོར་རྡ་ས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་བསྒྲིགས་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བོད་གངས་རིན་པོ་ཆེ་བར་ཞི་བའི་གོམ་བགྲོད་ལས་འགུལ་ནང་འཛུལ་ཞུགས་བྱས་པ་ཡིན།གཞན་ཡང་ཕྱི་ལོ་༡༩༩༩་ནས་༢༠༠༢བར་ས་གནས་མཉམ་སྦྲེལ་ལྟ་རྟོགས་ཚོགས་མིར་འོས་འདེམས་བྱུང་རྗེས་ས་གནས་མཉམ་འབྲེལ་བྱེད་སྒོ་་ལས་རིམ་མང་དག་ཅིག་རྒྱ་གར་མཉམ་འབྲེལ་ལས་ཁུངས་སུ་དེབ་སྐྱེལ་གྱིས་ཁྲིམས་མཐུན་དུ་འགྱུར།ཕྱི་ལོ་༢༠༠༢་ལོར་མེ་འོ་ས་གནས་འཐུས་
ཚོགས་ཀྱི་ཚོགས་གཙོའི་ལས་འགན་ལེགས་པར་ཞུས།ཕྱི་ལོ་༢༠༠༣ནས་༢༠༠༦་བར་བཅའ་ཁྲིམས་དགོངས་དོན་བཞིན་མེའོ་ཆོས་འཕེལ་གླིང་མི་མང་་ཡོངས་ནས་ཐུགས་རེ་ཆེན་པོས་ས་གནས་འགོ་འཛིན་དུ་འདེམས་ཐོན་གྱིས་འགན་འཁུར་འཐུས་གཙང་ཞུས།འདས་པའི་ལོ་ངོ་་༡༥་རིང་རང་ཉིད་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་དང་མང་གཙོའི་ལམ་ལུགས།ཆབ་སྲིད།ཤེས་ཡོན།ཚོང་ལས།དེ་བཞིན་སྲོལ་རྒྱུན་སོ་ནམ་ལས་རིགས་སོགས་ཀྱི་ཟབ་སྦྱོང་མང་དག་ནང་མཉམ་ཞུགས་ཀྱི་གོ་སྐབས་ཐོབ།སྤྱི་ཚོགས་ནང་ལས་འགན་འདྲ་མིན་ཐོག་རང་ནུས་ཇི་ཐུབ་ཀྱིས་ཞབས་འདེགས་ཞུས་པའི་ཉེར་ལེན་གྱི་ཉམས་མྱོང་ཕྲན་བུ་བསགས་ཡོད་པས་བོད་བསྟན་པ་ཆབ་སྲིད་སྤྱི་ལ་ཕན་པའི་ཞབས་འདེགས་ལྷག་བསམ་ཆེན་པོའི་སྒོ་ནས་ཞུ་རྒྱུའི་འདུན་པ་ཡོད།ད་ལྟའི་ཆར་་རང་ཉིད་གཞུང་འབྲེལ་མིན་པའི་ཚོགས་པ་ww.siddharthahome.orgཞེས་པ་འདིའི་འཛིན་སྐྱོང་སྟངས་འཛིན་དང་མེའོ་གཞིས་ཆགས་སུ་དྭ་ཕྲུག་དང་།ཕྱེད་དྭ་ཕྲུག་འཚོ་བ་ཉམ་ཐག་ཕྲུ་གུ་རྣམས་ལ་དོན་གྲུབ་ཉལ་ཁང་དུ་གཅེས་སྐྱོང་གིས་ཤེས་ཡོན་དང་ཌྷཕྲོད་བསྟེན་སྒས་ལ་ལྟ་རྟོགས་གཟབ་ནན་ཞུས་དང་ཞུ་བཞིན་པ་་བཅས་རང་ཉིད་ཀྱི་ལོོ་རྒྱུས་མདོར་བསྡུས་སུ་དབུས་གཙང་མི་མང་རྣམས་ཀྱི་མཁྱེན་རྟོགས་ཡོང་སླད་དུ་ཕུལ།།

No comments:

Post a Comment