Saturday, December 15, 2012

ཚོང་གི་ཟབ་སྦྱོང་།

སྤྱིར་ཚོང་གི་གོ་དོན་ནི་གཏིང་ཟབ་ཅིང་འགྲེལ་བརྗོད་མང་དག་ཅིག་ཡོད་ཀྱང་། ཚོང་ལས་ནི་རང་ཉིད་སུ་འདྲ་ཞིག་ཡིན་རུང་འབྲལ་ཐབས་མེད་པའི་འཚོ་བའི་གནས་ཤིག་ཏུ་གྱུར་ཡོད། ཆེ་ས་ནས་བཤད་ན། རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ལམ་དང་ཡར་རྒྱས་སོགས་ཚོང་གི་བརྒྱུད་ནས་ཡོང་གི་ཡོད་པ་དང་། ཆུང་ས་ནས་བཤད་ན། ཐ་ན་མི་ཉམ་ཆུང་གི་ཉིན་རེ་འཚོ་བའི་ནང་དུའང་འབྲེལ་བ་ཆགས་ཡོད། ཚོང་ནི་མིའི་མི་ཚེའི་ནང་གི་འཕྲལ་ཕུག་གི་རོགས་བསྐྱོར་བ་ཡང་གྱུར་ཡོད་ལ། ཚོང་ལས་སློབ་སྦྱོང་གནང་རྒྱུ་ནི་མི་ཚེའི་ཆ་ཤས་ཤིག་ཀྱང་ཆགས་ཡོད། ད་རེ་ངས་མུམ་སྦེ་དུ་ཚོང་གི་ཟབ་སྦྱོང་སྐབས་ཀྱི་མཉམ་སྣང་དང་འཚོར་སྣང་ཇི་བྱུང་དོ་ཙམ་ཞུ་ན་སྙམས་བྱུང་། ཨ་རི་གཞུང་གི་མཐུན་འགྱུར་འོག་རང་གཞུང་དཔལ་འབྱོར་ལས་ཁུངས་དང་ཀྲེག་ནོ་སྲབ་གཉིས་ཀྱི་ཚོང་གསར་འགོ་འཛུགས་འཆར་འགོད་འགྲན་བསྡུར་དང་ཆབས་ཅིག་ཚོང་ལས་རིག་པའི་ཟབ་སྦྱོང་ཞིག་ལྷོ་ཕྱོགས་ཀྱི་མངའ་སྡེའི་གྲོང་ཁྱེར་མོམ་སྦེ་ནང་ཡོད་པའི་ SP.Jain Institution of Management & Research, Mumbai ལ་ཕྱི་ལོ་༢༠༡༢ ཟླ་བ་ ༩ ཚེས་ ༡༠་ནས་ཚེས་༡༦་བར་ཉིན་བདུན་གྱི་རིང་ཚོགས་ཡོད། དེ་ཡང་དམིགས་ཡུལ་གཙོ་བོ་ནི་གཞིས་ཆགས་ཁག་ནང་ཚོང་ལས་སྲ་བརྟན་ཚགས་ཚུད་ཡོང་ཐབས་སུ་ཡིན་པ་རེད། གཞིས་ཆགས་ནང་ཟབ་སྦྱོང་གང་འདྲ་ཅིག་ཚུགས་ཀྱང་ཕན་མེད་དང་ནུས་མེད། དུས་ཚད་དང་འགྲོ་གྲོན་སོགས་འཕྲོ་བརླག་རེད་བརྗོད་མཁན་མང་དག་ཅིག་ཡོད་ཅིང་། མི་འགྲིག་པ་བརྗོད་མཁན་རྣམས་ནི་རང་ཉིད་འགན་མེད་པ་མ་ཟད་ཕུག་རྒྱང་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་སྒོའི་འགོག་རྐྱེན་བཟོ་བཞིན་ཡོད། ང་རང་ཚོའི་སྤྱི་ཚོགས་ནང་ཟབ་སྦྱོང་ནི་ཆེས་རྗེས་ལུས་ཅན་དུ་གྱུར་ཡོད། དེང་སྐབས་ཡར་ཐོན་རྒྱལ་ཁབ་ཚོའི་དུས་དུས་སུ་ཟབ་སྦྱོང་སྤྲོད་རྒྱུ་གལ་འགངས་ཆེན་པོ་བརྩི་བཞིན་ཡོད། ཚོང་ལས་སྐབས་སུ་ཁོང་ཁྲོ་ལ་སོགས་མི་ཡོང་བའི་བཟོད་སྲན་གང་ཐུབ་བྱ་དགོས་པ་དང་། ། དེ་བཞིན་དངོས་ཟོག་ཚོང་འགྲེམ་དང་ཚོང་གསར་འགོ་འཛུགས་བྱ་སྐབས་གདོང་ལེན་དང་དཀའ་ངལ་སེལ་ཐབས། མིའི་ནུས་པ་འདོན་སྤེལ། གྲོས་མོལ་གནང་སྟངས། ཚོང་གི་གོ་རྟོགས་དང་་གཞན་ཡང་དཔལ་འབྱོར་མཁོ་བསྒྲུབ་བྱ་ཕྱོགས་དང་ཚོང་ལས་འཛུགས་སྐྲུན་སྐབས་ཁྲིམས་ཀྱི་གདོང་ལེན་དང་ཚོང་གི་དམིགས་ཡུལ་སོོགས་ལ་ལེགས་པར་དཔྱད་མཐར་ལག་ལེན་དུ་འཁེལ་བའི་འཆར་གཞི་ཇི་མ་ཇི་བཞིན་བསྒྲིག་དེ་ལག་བསྟར་ཐུབ་ཚེ་ཚོང་ལས་ལམ་ལྷོང་ཅན་དུ་འགྱུར་སྲིད།། པད་བཀོད་ཚེ་དབང་རྡོ་རྗེས།

No comments:

Post a Comment