Thursday, November 25, 2010

ཧེ་ལིན་ཀི་ལར་(1880-1962)

ཧེ་ལིན་ཀིལ་ལར་ནི་རྣ་བ་འོན་པ་དང་མིག་ལོང་བ་ཨ་རིའི་ལམ་ལྷོང་ཅན་གྱི་རྩོམ་པ་པོ་ཞིིག་ཡིན་པ་རེད། ཧེ་ལིན་ཀིལ་ལར་ཕྲུ་གུ་ཆུང་ཆུང་ཡིན་པའི་སྐབས་སུ་ནད་མནར་དྲག་པོའི་རྐྱེན་གྱིས་རང་གི་མིག་ལོང་རྣ་བ་འོན་ཏེ་རྣ་ཅོག་མ་ཐོས་པ་འགྱུར་ཡོད་པ་རེད། ཕ་མའི་བློ་ཚབ་ཆེ་ཤོས་དེ་འཚར་ལོངས་ལ་འགོག་ཐབས་མེད་པར་བརྟེན་ཅི་བྱ་ལྟོས་མེད་དུ་གྱུར། ཉིན་གཅིག་ཕ་མ་གཉིས་ལ་རིག་རྩལ་ལ་མཁས་པ་ན་གཞོན་དགེ་རྒན་ཨ་ནི་སུ་ལི་ཝན་ཞེས་པ་ཞིག་ངོ་སྤྲོད་བྱུང་ཡོད་པ་རེད། སུ་ལི་ཝན་ནས་ཧེ་ལིན་ཀིལ་ལར་ལ་ལྷོད་ལྷོད་ངང་ཅ་ལག་རྣམས་མིང་གི་ཐོག་ནས་ངོ་སྤྲོད་སློབ་འཁྲིད་བྱས། རིམ་པའི་མཐོ་སློབ་ཏུ་འཛུལ་ཞུགས་ཀྱི་གོ་སྐབས་བྱུང་། སློབ་སྦྱོང་མཐར་སོན་རྗེས་འཛམ་གླིང་ཡུལ་གྲུ་ཁག་ནང་ཡུལ་བསྐོར་དུ་ཕྱིན་ཏེ་རང་དང་གཅིག་པའི་ནད་པ་རྣམས་ལ་རོགས་པ་བྱས། ༡༩༦༢་ལོར་ཁོ་མོའི་མི་ཚེ་ལོ་རྒྱུས་སྐོར་ The Miracle woker ཞེས་པའི་གློག་བརྙན་ཞིག་ཀྱང་བཟོས་ཐོན་བྱུང་ཡོད་པ་རེད།
པད་བཀོད་ཚེ་དབང་རྡོ་རྗེས་བསྒྱུར།

No comments:

Post a Comment