Sunday, November 20, 2011

སློབ་ཁྲིད་གསལ་བསྒྲགས།

འདོན་སྤེལ། ༢༠༡༡/༡༡/༢༠

སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག ཕྱི་ལོ་༢༠༡༠ལོ་ནས་བཟུང་ཕྱོགས་མཐའ་ཁག་གི་སློབ་གྲྭའི་ལོ་རེའི་གུང་སེང་དང་སྟབས་བསྟུན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད། སུམ་རྟགས་དག་གསུམ་གྱིས་གཙོས་རིག་གནས་འཆད་ཁྲིད་དང་། ནང་ཆོས་ངོ་སྤྲོད་ཀྱི་སློབ་ཚན་སློབ་ཁྲིད་དང་འབྲེལ། སློབ་ཚན་ཐོན་མཚམས་སུ་ཕྱག་ཁྱེར་ཞིག་ཀྱང་འབུལ་རྒྱུའི་ལས་གཞི་ཞིག་སྔར་ལོ་ནས་གོ་སྒྲིག་ཞུ་མུས་ལྟར། འདི་ལོ་ཡང་ཕྱི་ལོ་༢༠༡༢ཕྱི་ཟླ་༡ ཚེས་༢༠ནས་བཟུང་འཛིན་གྲྭ་འགོ་འཛུགས་ཀྱིས། སེར་བྱེས་དགེ་བཤེས་སྐལ་བཟང་ཨེ་ལགས་མཆོག་ནས་འཛིན་གྲྭ་དྲུག་པ་ཡན་ཆད་ལ་སུམ་རྟགས་དག་གསུམ་དང་། དྲུག་པ་མན་ཆད་ལ་ཡིག་གཟུགས་ཀྱིས་གཙོས་རང་བློ་དང་འཚམས་པའི་སློབ་ཚན་སློབ་ཁྲིད་དང་། རྒན་བྱམས་པ་ཆོས་གྲུབ་ལགས་ནས་ནང་ཆོས་དང་། རིགས་ལམ་བཅས་འཆད་ཁྲིད་གནང་རྒྱུ་ཡིན་ཞིང་།ལས་རིམ་གོ་སྒྲིག་དང་། སྤྱི་ཡོངས་བལྟ་རྟོགས་འགན་འཛིན་པ་རྒན་ཚེ་དབང་ལགས་ནས་གནང་གཏན་འཁེལ་བས། ཕྱོགས་མཐའ་ཁག་གི་སློབ་ཕྲུག་རྣམས་ཀྱིས་དབུས། ས་གནས་སློབ་གྲྭ་ཁག་གི་སློབ་ཕྲུག གཞན་ཡང་རིག་གནས་ལ་དོན་བརྩོན་ཅན་གྱི་གཞོན་སྐྱེས་སྐྱ་སེར་ཕོ་མོ་སུ་ཞིག་ནས་འཛུལ་ཞུགས་བྱེད་འདོད་ཡོད་ཚེ་ཕྱི་ལོ་༢༠༡༢ ཟླ་བ་ ༡ ཚེས་༡༨ ནང་ཚུན་སེར་བྱེས་ཕྱག་མཛོད་ཁང་དུ་ཐོ་འགོད་གནང་ཟིན་པ་དགོས་རྒྱུ་མ་ཟད། སློབ་ཕྲུག་རྣམས་སློབ་ཚན་ཡོད་སྐབས་མ་གཏོགས། འདི་ག་གྲྭ་ཚང་ནས་བདག་སྐྱོང་དང་འགན་ལེན་བྱེད་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ།

སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་མཛོད་ཁང་ནས་༢༠༡༡ ཟླ་ ༡༡ ཚེས་༡༧ ལ།

No comments:

Post a Comment