Friday, September 28, 2012

མུམ་སྦེའི་ཚོང་གི་ཟབ་སྦྱོང་།

ཨ་རི་གཞུང་གི་མཐུན་འགྱུར་འོག་རང་གཞུང་དཔལ་འབྱོར་ལས་ཁུངས་དང་ཀྲེག་ནོ་སྲབ་གཉིས་ཀྱི་ཚོང་གསར་འགོ་འཛུགས་འཆར་འགོད་འགྲན་བསྡུར་དང་ཆབས་ཅིག་ཚོང་ལས་རིག་པའི་ཟབ་སྦྱོང་ཞིག་ལྷོ་ཕྱོགས་ཀྱི་མངའ་སྡེའི་གྲོང་ཁྱེར་མོམ་སྦེ་ནང་ཡོད་པའི་ SP.Jain Institution of Management & Research, Mumbai ལ་ཕྱི་ལོ་༢༠༡༢ ཟླ་བ་ ༩ ཚེས་ ༡༠་ནས་ཚེས་༡༦་བར་ཉིན་བདུན་གྱི་རིང་ཚོགས་ཡོད་པ་རེད། དེ་ཡང་དམིགས་ཡུལ་གཙོ་བོ་ནི་གཞིས་ཆགས་ཁག་ནང་ཚོང་ལས་སྲ་བརྟན་ཚགས་ཚུད་ཡོང་ཐབས་སུ་ཡིན་པ་རེད། ཚོང་གི་འཆར་འགོད་འགྲན་བསྡུར་ནང་མི་གྲངས་བཞི་བཅུ་ལྷག་་མཉམ་བཞུགས་གནང་ཡོོད་པ་རྣམས་ལ་སློབ་ཚན་ཁག་གི་ཆེད་ལས་མཁས་དབང་རྣམས་ནས་སློབ་འཁྲིད་གནང་། སློབ་འཁྲིད་ཉིན་དང་པོར། ཚོང་གི་གོ་རྟོགས་དང་བློ་བརྟན་བྱ་ཕྱོགས། ཚོང་ལས་སྐབས་སུ་ཁོང་འཁྲོ་ལ་སོགས་ཇི་ལྟར་འགོག་ཐབས། ཉིན་གཉིས་པ། ཚོང་གི་དམིགས་ཡུལ་སྐོར་དང་། གོ་སྐབས། མིག་དཔེ་འོས་པའི་ཚོང་ལས་སོགས་ཀྱི་སློབ་འཁྲིད་གཏིང་ཟབ་གནང་། ཉིན་གསུམ་པ། ཉིན་གཉིས་པའི་སློབ་ཚན་ལ་བསྐྱར་ཞིབ། ཚོང་གསར་འགོ་འཛུགས་ཀྱི་སྐོར། ཚོང་པའི་གོ་དོན། དེ་བཞིན་དངོས་ཟོག་ཚོང་འགྲེམ་དང་ཚོང་གསར་འགོ་འཛུགས་དང་ཚོང་འགྲེམ་བྱ་ཕྱོགས་དེའི་གདོང་ལེན་དང་དཀའ་ངལ་སེལ་ཐབས་སྐོར་གྱི་སློབ་འཁྲིད། ཉིན་བཞི་པ། ཉིན་གསུམ་པའི་སློབ་ཚན་ལ་བསྐྱར་ཞིབ། མིའི་ནུས་པ་འདོན་སྤེལ། གྲོས་མོལ་གནང་ཕྱོགས་དང་ཟླ་དྲུག་གི་འཆར་གཞི་ལག་བསྟར་ཇི་ལྟར་བྱ་ཕྱོགས་སྐོར། ཉིན་ལྔ་པ། ཉིན་བཞི་པའི་སློབ་ཚན་ལ་བསྐྱར་ཞིབ། དཔལ་འབྱོར་རིག་པའི་སྐོར་དང་དཔལ་འབྱོར་མཁོ་བསྒྲུབ་བྱ་ཕྱོགས་དང་འཆར་འགོད་འགེངས་ཤོག་བཟོ་སྟངས་དེ་བཞིན་དཔལ་འབྱོར་ཡོང་ཁུངས་སོགས་ཀྱི་སྐོར། ཉིན་དྲུག་པ། བསྐྱར་ཞིབ། འགྲན་བསྡུར་བ་རྣམས་ནས་བསམས་ཚུལ་བསྡུ་རུབ། སློབ་ཚན་ཁག་ལ་རང་མོས་བསྐྱར་ཞིབ་དང་། འགྲན་བསྡུར་བ་རྣམས་ལ་སྔོན་འགྲོའི་འདེམས་སྒྲུག ཉིན་བདུན་པ། འཛུགས་སྐྲུན་པ་རྣམས་ལ་ཁྲིམས་ཀྱི་གདོང་ལེན་གནང་ཕྱོགས་སྐོར། དེ་རྗེས་འཆར་འགོད་འགྲན་བསྡུར་མཐའ་མ་གནང་སྟེ། ཕྱག་འཁྱེར་འབུལ་བཞེས་དང་མཇུག་སྒྲིལ་མཛད་སྒོ་བཅས་སོ། ཚངས་ལ་ཚེ་དབང་རྡོ་རྗེས།

No comments:

Post a Comment