Sunday, April 10, 2011

༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་འཆར།

༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༥ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ལོ་གཅིག་རིང་ཞུ་བཞིན་པའི་ཁོངས་ནས། བཀའ་ཤག་གིས་ཆེད་བཙུགས་གནང་བའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས། ཕྱི་ཟླ་༤ པའི་ནང་བཙན་བྱོལ་བོད་གཞུང་ཐོག་མར་མ་སུ་རིར་དབུ་བརྙེས་པའི་དུས་ཚིགས་དང་བསྟུན་ཏེ།
བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་སྲི་ཞུའི་ལས་བྱེད་ཡོངས་ཀྱིས་༸གོང་ས་
༸སྐྱབས་མགོན་ཆེན་པོ་མཆོག་བསྐལ་པ
་ཇི་སྲིད་བར་དུ་ཁ་བ་ཅན་གྱི་སྐྱེ་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པར་༸སྐུ་ཚེ་༸ཞབས་པད་རྡོ་རྗེའི་
ཁམས་སུ་བརྟན་པའི་གསོལ་འདེབས་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་ཡིན་པ་རེད།
༧གོང་ས་མཆོག་གིས་བཀའ་བཞེས་བཟང་པོ་ཐོབ་པ་བཞིན། བོད་རྒྱལ་ལོ་༢༡༣༨ ཟླ་༢ ཚེས་༢༠ དང་།
ཕྱི་ལོ་༢༠༡༡ ཕྱི་ཟླ་༤ ཚེས་༢༢ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཚེ་དཔག་མེད་དྭངས་མ་བཅུད་
འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང། གཞུང་ཞབས་འདེམས་བསྐོ་
ལྷན་ཁང་གི་དབུ་འཛིན་གྱིས་གཙོ་སྐྱོང་གནང་ཐོག བོད་གཞུང་ལས་ཁུངས་ཁག་གི་དྲུང་ཆེ་རྣམས་
བརྟན་བཞུགས་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་བའི་ཚོགས་ཆུང་ཞིག་
ཟུར་འཛུགས་གནང་ནས་བརྟན་བཞུགས་སྐབས་ཀྱི་བྱེད་སྒོ་རྣམས་བསྒྲུབ་རྒྱུ་ཡིན་པ་རེད།།

No comments:

Post a Comment