Monday, September 19, 2011

བཀའ་ཤག་སྐབས་ ༡༤ པའི་བཀའ་བློན་བདུན་པོའི་ལས་ཁུངས་གཏན་འབེབས།

༢༠༡༡ ཟླ་ ༩ ཚེས་ ༡༩ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༩ རེས་གཟའ་ཟླ་བའི་ཉིན་བཀའ་དྲུང་ཡིག་ཚང་ནས་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ སྐབས་ ༡༤ བཀའ་བློན་དུ་འདེམས་ཐོན་བྱུང་བའི་བཀའ་བློན་དྲུག་དང་བཀའ་ཁྲི་མཆོག་གི་ལས་ཁུངས་གཏན་འབེབས་བྱུང་བའི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༦ ཉིན་སྐབས་ ༡༥ པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་སྤྱི་མོས་འདེམས་ཐོན་བྱུང་བའི་བཀའ་བློན་རྣམས་བཅའ་ཁྲིམས་དོན་ཚན་ ༢༩ ནང་གསེས་ ༢ དགོངས་དོན།
བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་དང།
བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་པྨ་ཆོས་འབྱོར་མཆོག་ཆོས་རིགས་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་མཛད་ཁུར་ཞུ་རྒྱུ་དང། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་བཀའ་ཁྲི་མཆོག་གིས་གཅིག་ལྕོགས་གནང་རྒྱུ་ཡིན་འདུག་པ་བཅས།།

No comments:

Post a Comment