Saturday, August 13, 2011
ལས་བྱེད་གསར་འདེམས་གསལ་བསྒྲགས།
༄༅། རང་གཞུང་ཤེས་རིག་ལས་ཁུངས་ཆེད་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ལས་བྱེད་གཉིས་ཁྱད་ལས་པའི་ངོ་བོར་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
ས་མིག
ཀ༽ དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་བོད་ཡིག་ཤེས་ཡོན་རྟོགས་ཞིབ་པ། (Tibetan EO)
ཁ༽ དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་མདུན་ལམ་སློབ་སྟོན་པ། (Resident Counselor)
ཀ༽ བོད་ཡིག་ཤེས་ཡོན་རྟོགས་ཞིབ་པའི་ (Education Officer for Tibetan) དགོས་མཁོའི་ཆ་རྐྱེན།
ཀ་༡༽ ཤེས་ཚད། བོད་ཀྱི་རིག་གནས་ཐོག་ཉུང་མཐར་གཙུག་ལག་རབ་འབྱམ་པ་(Master Degree)ཨང་རིམ་གཉིས་པ་ཡན་ཐོན་པའི་ཐོག་འབྲིང་རིམ་དགེ་འོས་ (B.Ed) ཐོན་པ་དགོས།
ཀ་༢༽ ཉམས་མྱོང་། འཛིན་གྲྭ་དགུ་པ་ཡན་ལ་ཉུང་ཐར་ལོ་ ༣ རིང་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་ཉམས་མྱོང་ཡོད་པ་དགོས།
ཁ༽ མདུན་ལམ་སློབ་སྟོན་པའི་ (Resident Counselor) དགོས་མཁོའི་ཆ་རྐྱེན།
ཁ་༡༽ ཤེས་ཚད། ངོས་འཛིན་ཡོད་པའི་རྒྱ་གར་དང་ཕྱི་རྒྱལ་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། བསམ་བློའི་ཚན་རིག (Psychology) ཐོག་གཙུག་ལག་རབ་འབྱམས་པ (M.A. Or M.Sc.) ཐོན་པའམ། ཡང་ན་ཤེས་ཡོན་རིག་པའི་གཙུག་ལག་རབ་འབྱམས་པ་ (M.A. Education) ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་ལ། དེ་དག་ལ་གྲུབ་འབྲས་ཨང་སྡེ་གཉིས་པ་ (2nd Div.) ཡན་སོན་པའི་ཐོག་ངོས་འཛིན་ཡོད་པའི་མཐོ་རིམ་སློབ་ཁང་གང་རུང་ནས། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་ (Guidance & Counseling) ཐོག་ཉུང་མཐར་དུས་ཡུན་ཟླ་དྲུག་རིང་མཐོ་རིམ་ཁྱད་སྦྱོང་ངམ་ (Post Graduate Diploma) གང་རུང་ཐོན་པའི་ལག་འཁྱེར་ཡོད་དགོས། འོན་ཀྱང་རྩ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ (Master Degree) དེ་ཉིད་སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་པ་ཐོན་པ་ཡིན་ཚེ་གོང་གསལ་མཐོ་རིམ་ཁྱད་སྦྱོང་གི་ལག་འཁྱེར་ཟུར་དུ་མེད་ཀྱང་འགྲིག་རྒྱུ།
ཁ་༢༽ ཉམས་མྱོང་། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་པའི་ཉམས་མྱོང་ཡོད་རིགས་དང་། དགེ་རྒན་གྱི་ལས་སྒོར་ཞུགས་མྱོང་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
ཀ/ཁ་༣༽ ལོ་ཚད། ༢༠༡༡།༠༩།༢༠ ཉིན་རང་ལོ་ ༢༡ ནས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
ཀ/ཁ་༤༽ རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་ཇི་ཡོད་ལ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་ཆོག་གནང་རྒྱུ། གོང་གསལ་ཆ་རྐྱེན་ལྡན་རིགས་ནས་ཞུ་ཤོག་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁང་། གཞུང་འབྲེལ་དྲ་རྒྱ་ (www.tibet.net/tb) གང་རུང་ནས་ཞུ་བཏོན་བྱས་ཏེ་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་བཀང་སྟེ་གཤམ་གསལ་ཡིག་ཆ་མཉམ་འབུལ་དགོས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང་།
༢༽ ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ངོ་བཤུས། (Mark Sheet & Certificate)
༣༽ འབུལ་འབབ་གྲངས་ཚང་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༥༽ སྐྱེས་ཚེས་ལག་འཁྱེར་རམ་འཛིན་རིམ་ ༡༠ པ་ཐོན་བའི་ལག་འཁྱེར་ནང་རང་ཉིད་ཀྱི་སྐྱེས་ཚེས་གསལ་བ་གང་རུང་གི་ངོ་བཤུས།
༦༽ བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་ཞིག་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་ཐོག་རང་ཉིད་ཀྱི་འདྲ་དཔར་ཚོན་ཁྲ་ཅན་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ། ༼རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ཞུས་ན་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་མཚན་རྟགས་ཞུ་དགོས།༽
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༨༽ ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་བཅས་གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་ཡོད་པའི་ཟུང་དྲུང་གནས་རིམ་ཡན་ནས་དག་ཆན་ལས་དམ་ (Attestation) ཞུས་ཏེ་འཚང་སྙན་མཉམ་ ༢༠༡༡ ཟླ་ ༩ ཚེས་ ༢༠ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་བྱེད་བདེའི་ཁ་བྱང་དང་། གློག་འཕྲིན་ (E-mail) ཁ་བྱང་། ལག་འཁྱེར་ཁ་དཔར་ཨང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་འབུལ་ཐུབ་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་ངེས་པར་དུ་མཉམ་འཁྱེར་གྱིས་ཡིག་རྒྱུགས་གཏོང་རྒྱུར་འབོད་བརྡ་འབྱོར་བསྟུན་འབྱོར་ཐོ་བཀོད་རྗེས་ཡིག་རྒྱུགས་བཞེས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༡ ཟླ་ ༨ ཚེས་ ༨ ལ།།
The Secretary
Staff Selection Commission
Central Tibetan Administration,Gangchen Kyishong,
Dharamsala, Distt.Kangra,
H.P. 176215 INDIA
E-mail: psc@tibet.net
Tel: 01892-226240/222328
Subscribe to:
Post Comments (Atom)
No comments:
Post a Comment